སྒྱུར་བ་པོའི་གཏམ།
ངས་གོ་སྐབས་ཡོད་ཚད་ལ་རྒྱ་ནག་སྐོར་གྱི་རྩོམ་ཡིག་ཀློག་པ་དང་མཁས་དབང་རྣམས་ཀྱི་གཏམ་བཤད་ལ་ཉན་པ་ཡིན། ཁོང་ཚོའི་སྤྱི་བསྡོམས་ལྟ་བུ་ནི་ད་ལྟའི་དུས་རབས་ཉེར་གཅིག་པ་ནི་ཨེ་ཤེ་ཡའི་དུས་རབས་ཡིན་པ་དང་། རྒྱ་ནག་གིས་དུས་རབས་གསར་བ་འདིའི་ནང་འཛམ་གླིང་སྤྱི་དང་ལྷག་པར་དུ་ཨེ་ཤེ་ཡ་མངའ་ཁུལ་དུ་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡིན་པའི་ངོས་འཛིན་བྱེད། འོན་ཀྱང་། ཁོང་ཚོའི་སྲིད་དབང་སྒེར་འཛིན་གྱི་དམར་པོའི་གཞུང་དེ་ལ་དུས་རབས་གསར་བ་འདི་བསུ་པར་སྒྲོམ་གཞིའམ་རྨང་གཞིའི་ཆ་རྐྱེན་ཚང་ཡོད་མེད་སྐོར་བགྲོ་གླེང་ཤུགས་ཆེན་གནང་གི་འདུག རང་ཉིད་ནི་འཛམ་གླིང་གི་འཕེལ་ཕྱོགས་ལ་ཆེད་ལས་མཁས་པ་དེ་འདྲ་མིན་པས་དེའི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་འདོན་པའི་སྤོབས་པ་གང་ཡང་མེད། དེར་བརྟེན་ཐེངས་འདིར་ཨ་རྒྱ་གཉིས་ཀྱི་འགྲན་རྩོད་་སྐོར་གྱི་དཔེ་དེབ་འདི་བོད་ཡིག་ཏུ་བསྒྱུར་ནས་རང་མཉམ་གྱི་གྲོགས་པོ་ཚོར་མི་རིགས་གཞན་གྱི་མཁས་དབང་ཚོས་གནང་བའི་རྒྱ་ནག་སྐོར་གྱི་དཔྱད་ཞིབ་འདི་ངོ་སྤྲོད་བྱེད་འདོད་བྱུང་།
སྤྱིར་བཏང་དཔེ་དེབ་འདིའི་ནང་གཙོ་བོ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཨ་མེ་རི་ཀ་དང་རྒྱ་ནག་བར་གྱི་རྣོ་ངར་ཆེ་བའི་འགྲན་རྩོད་སྐོར་རྩལ་དུ་བཏོན་ནས་བརྗོད་ཡོད་པ་དང་། རྒྱ་ནག་ལ་སྟོབས་ཤུགས་རྒྱས་པ་དང་ལྷན་དུ་མི་མངོན་པའི་འགྲན་རྩོད་ཞིག་འཕེལ་བཞིན་ཡོད་པ་དེས་ང་ཚོར་དྲི་བ་ཆེན་པོ་ཞིག་སླེབས་ཀྱི་ཡོད། དེ་ནི་རྒྱལ་ཁབ་གཉིས་ཀྱི་རྒྱུན་རིང་གི་འབྲེལ་བ་དང་མ་འོངས་པ་ཅི་འདྲ་ཞིག་ཏུ་འགྱུར་མིན་སྐོར་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་ཞི་བདེའི་ངང་གནས་པའི་ལམ་ཁ་ཤིག་རྙེད་ཀྱི་རེད་དམ། ཡང་ན་འཐབ་ཇུས་ཀྱི་འགྲན་ཡ་དང་། དེ་ལས་ལྷག་ད་དུང་ཕན་ཚུན་དགྲ་བོར་འགྱུར་གྱི་རེད་དམ། ཨེ་ཤི་ཡའི་མངལ་ཁུལ་ནང་མ་འོངས་པར་ཞི་བདེ་དང་བརྟན་བརླིང་ཞིག་ཡོང་གི་རེད་དམ། ཡང་ན་འཁྲུག་རྩོད་ཀྱི་ཆགས་འཇིག་ཆེན་པོ་ཞིག་ཡོང་གི་རེད་དམ། ཟེར་བའི་དྲི་བ་འདི་དག་ལ་ཁོང་གིས་ལན་འདེབས་གནང་ཡོད་པ་ཞིག་རེད།
བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས་པའི་དཔེ་དེབ་དྲ་ཐོག་ནས་བླུ་ཡོན་ཞུ་རྒྱུ་འདུག
ལོ་རྒྱུས་དེབ་ཕྲེང་། ༦༣
དཔེ་དེབ་མིང་། རྒྱ་ནག གདམ་ཀ (ཨ་རིས་སྟོབས་ཤུགས་ཐུན་མོང་དུ་སྤྱོད་དགོས་དོན།)
ཧེའུ་ཝེ་ཡེ་ཊིས་བརྩམས། བློ་བཟང་ལུང་རྟོགས་ཀྱིས་བསྒྱུར།
ཤོག་ཐོག་དེབ་དངོས་མངགས་ཉོ་བྱེད་སའི་དྲ་ཐག་ཁ་བྱང་ནི།
https://www.amazon.in/dp/B09KRZDMWY?ref=myi_title_dp
ཨི་དེབ་མངགས་ཉོ་བྱེད་སའི་དྲ་ཐག་ཁ་བྱང་ནི།
https://play.google.com/store/books/details?id=MH5JEAAAQBAJ
བོད་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས་པའི་དཔེ་དེབ་དྲ་ཐོག་ནས་དབུ་འབྱེད་བྱས་པའི་བརྙན་པར།

Leave a Reply