ཉི་མའི་འོད་མདངས་ཧ་ཅང་གསལ་མོད།
མུན་པ་སྔར་ལས་གནག
ཡོད་ཚད་མཐོང་པའི་ཉིན་དེར།
མིག་གིས་མཐོང་བ་བདེན་པ་མིན་ཟེར།
འོན་ཀྱང་། སེམས་ཀྱིས་མཐོང་དུས།
ད་དུང་མུན་ཁུང་ཞིག་ན་ལུས་འདུག
གནས་ལུགས་དང་དྲང་བདེན་གྱི་དཔལ་འབར་སྦར་དུས།
འུག་པ་འདི་ཚོས་རྣ་བར་གཟན་པའི་སྐད་ངན་དང་།
མིག་ལ་སྡང་བའི་འཁྲབ་སྟོན་བྱས་སོང་བར།
སྣང་མེད་ངང་མགོ་བོ་འཁོར་སོང་བ་འདིས།
རང་ཉིད་ཀྱི་མིག་ལ་སྐྱོན་ཡོད་པའི་གསལ་འདེབས་བྱས་སོང་།
ཉི་འོད་ཧ་ཅང་གསལ་མོད།
མུན་པ་སྔར་ལས་གནག
༢༠༡༧།༩།༩ཉིན།
ཁ་བ་ནག་པོས།

དཔྱད་མཆན་སྤེལ།