བསང་དུད་ཀྱི་ཀློང་ནས་མི་ལོ་སྟོང་ཕྲག་བསྐྱལ་བའི་ངའི་ཕ་ཡུལ་གྱི་སྤུན་ཟླ།
མ་ཎིའི་དབྱངས་རྟ་སྙན་མོ་དང་དད་འདུན་གྱི་མཆི་མས་གཡོག་པའི་ངོ་གདོང་དེ་ཚོ།
ཅི་འདྲའི་ལྷད་མེད་ཅིག་རེད་ཨང་།
བསུབ་མི་ཐུབ་པའི་གཏམ་རྒྱུད་རིང་མོ་ཞིག་དགུ་ཆུའི་རླབས་རྩེར་བསྐྱོན་པའི་མི་རབས།
ལས་དབང་བཙན་པོའི་དྲག་རླུང་དང་བག་འཁུམ་གྱིས་ཟད་པའི་ལ་ཁའི་དར་ལྕོག་དེ་ཚོ།
ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་།
འཛམ་གླིང་གི་མཐོ་ས་ནས་ང་ཚོའི་མགོ་འཕང་ཅི་འདྲའི་དམའ་བ་ལ།
སྤྲིན་ཚོམ་དཀར་པོ་དང་། གནམ་སྔོན་པོ།
རྔམས་བརྗིད་གངས་རི་དང་། རྫ་ཆུ་བསིལ་མ།
རིན་ཐང་གཞལ་དུ་མེད་པའི་ནོར་བུ་ང་ཚོར་ཡོད།
ཡབ་མེས་ཀྱིས་བཞག་པའི་ཞབས་རྗེས་དེ་ཙམ་མི་གསལ་ན་ཡང་།
ཡབ་མེས་ཀྱིས་ཚེ་སྲོག་འཐིམ་སའི་གཡང་ས་དྲོན་མོ་ནས།
ང་ཚོ་མི་ལོ་སྟོང་ཕྲག་རིང་འཚོ་དགོས།
ཁ་བ་ནག་པོས། ༢༠༡༧།༧།༣་ཉིན་ཨོ་གླིང་ནས།

དཔྱད་མཆན་སྤེལ།